Rig-mdzod Dus-deb最新文献

筛选
英文 中文
དུས་གསུ་སྤྱི་བྱེ་བྲག་གི་རྣམ་གཞག་ལུ་དཔྱད་པ་ཐོས་ཆུང་བུའི་གཏམ།
Rig-mdzod Dus-deb Pub Date : 2023-06-18 DOI: 10.17102/rigzoedjournal.clcs.rub.1.004
ཕུར་བ་ རྡོ་རྗེ།
{"title":"དུས་གསུ་སྤྱི་བྱེ་བྲག་གི་རྣམ་གཞག་ལུ་དཔྱད་པ་ཐོས་ཆུང་བུའི་གཏམ།","authors":"ཕུར་བ་ རྡོ་རྗེ།","doi":"10.17102/rigzoedjournal.clcs.rub.1.004","DOIUrl":"https://doi.org/10.17102/rigzoedjournal.clcs.rub.1.004","url":null,"abstract":"དུས་གསུམ་སྤྱི་བྱེ་བྲག་གི་རྣམ་གཞག་བཤད་ཐངས་མ་འདྲཝ་ཡོདཔ་སྦེ་མཐོང་མི་ཚུ་ མཁས་པ་ག་གི་འདོད་པ་ར་ ཨིན་ན་དང་ འདོད་པ་མ་འདྲཝ་ག་དེམ་ཅིག་ཡོད་ག་ དེ་ཚུ་གི་བར་ན་ཁྱད་པར་ག་དེ་སྦེ་ར་ཡོདཔ་ཨིན་ན་ཚུ་ཁ་གསལ་ སྦེ་ཤེས་ཚུགས་ནི་གི་དོན་ལུ་དམིགས་གཏད་བསྐྱེད་དེ་ ཞིབ་འཚོལ་འདི་འབད་ཡོདཔ་ཨིན། ཞིབ་འཚོལ་ཐབས་ལམ་ དེ་ཡང་ ཁུངས་བཙན་ཐབས་ཤེས་ཀྱི་མཁོ་ཆས་ ཡིག་ཆ་དབྱེ་དཔྱད་དང་ དྲི་བ་དྲིས་ལན་གཉིས་ལག་ལེན་འཐབ་ཡོད། ཡིག་ཆ་འདི་ཡང་ བྱ་ཚིག་དུས་གསུམ་གྱིི་སྐོར་ལས་བཤད་པའི་དཔེ་དེབ་གསརཔ་དང་རྙིངམ་ཚུ་བསྡུ་སྒྲིག་ འབད་ཞིནམ་ལས་དབྱེ་དཔྱད་འབད་ཡོདཔ་དང་། དྲི་བ་དྲིས་ལན་འདི་ཡང་འབྲེལ་ཡོད་སློབ་གྲྭ་དང་བཤད་གྲྭའི་སློབ་ ཕྲུག་ ཟུར་གནས་མཁས་དབང་ཚུ་དང་འབྲེལ་བ་འཐབ་སྟེ་འབད་ཡོད། དེའི་སྐབས་སུ་ དུས་གསུམ་སྤྱི་བྱེ་བྲག་གི་ རྣམ་གཞག་འདོད་མི་མ་འདྲཝ་ཡོད་མི་ཚུ་ ཚུར་བསྡུ་བ་ཅིན་ འདོད་པ་མ་འདྲཝ་ཁག་བཞི་འདུག། དེ་ཡང་དུས་གསུམ་ རབ་གསལ་འོད་སྣང་ལྟར་དུ་གཅིག་དང་། ཉན་ཤུལ་མཁྱེན་རབ་ཀྱི་འདོད་པ་ལྟར་དུ་གཅིག། དེ་ལས་ནོར་བུ་བསྟན་ འཛིན་གྱིི་འདོད་པ་ལྟར་དུ་གཅིག་དང་ སྨོན་ལམ་ཚིག་མཛོད་ཀྱི་འདོད་ཚུལ་གཅིག་སྦེ་ཨིན་པས། དེ་ཡང་ དུས་ གསུམ་སྤྱི་བྱེ་བྲག་གི་འདོད་ཚུལ་མ་འདྲཝ་ཡོད་མི་ཚུ་ ཧིང་སང་ས་སྦེ་བཀོདཔ་ལས་ མ་འོངས་པ་ན་དེའི་སྐོར་ལས་ ལྷབ་སྦྱང་འབད་མི་ཚུ་མགུ་མ་འཐོམས་པར་ལྷབ་སྦྱངས་འབད་ནི་ལུ་སྟབས་བདེ་ནི་དང་། དེ་ལུ་བརྟེན་ཏེ་བྱ་ཚིག་གི་རྣམ་ གཞག་ལུ་མཁས་པ་འགྱུར་ནི་གི་འོས་འབབ་ཡོདཔ་ཨིན།","PeriodicalId":129662,"journal":{"name":"Rig-mdzod Dus-deb","volume":"67 1","pages":"0"},"PeriodicalIF":0.0,"publicationDate":"2023-06-18","publicationTypes":"Journal Article","fieldsOfStudy":null,"isOpenAccess":false,"openAccessPdf":"","citationCount":null,"resultStr":null,"platform":"Semanticscholar","paperid":"114989882","PeriodicalName":null,"FirstCategoryId":null,"ListUrlMain":null,"RegionNum":0,"RegionCategory":"","ArticlePicture":[],"TitleCN":null,"AbstractTextCN":null,"PMCID":"","EPubDate":null,"PubModel":null,"JCR":null,"JCRName":null,"Score":null,"Total":0}
引用次数: 0
རྫོང་ཁའི་བྱ་ཚིག་ལས་གྲུབ་པའི་མིང་ལུ་དཔྱད་པ།
Rig-mdzod Dus-deb Pub Date : 2023-06-18 DOI: 10.17102/rigzoedjournal.clcs.rub.1.002
དཀོན་མཆོག་ ཚེ་རིང་།
{"title":"རྫོང་ཁའི་བྱ་ཚིག་ལས་གྲུབ་པའི་མིང་ལུ་དཔྱད་པ།","authors":"དཀོན་མཆོག་ ཚེ་རིང་།","doi":"10.17102/rigzoedjournal.clcs.rub.1.002","DOIUrl":"https://doi.org/10.17102/rigzoedjournal.clcs.rub.1.002","url":null,"abstract":"འབྲུག་རྒྱལ་ཡོངས་རྫོང་ཁ་གོང་འཕེལ་ལུ་དམིགས་ཏེ་བྲིས་ཡོད་པའི་ རྫོང་ཁའི་ནང་བྱ་ཚིག་ལས་གྲུབ་པའི་མིང་ལུ་ དཔྱད་པ་ཟེར་མི་རྩོམ་ཤོག་འདི་ནང་ བོད་འབྲུག་གི་སྔ་ཕྱིའི་མཁས་པ་ཚུ་གིས་ གསུངས་ཡོད་མི་མིང་གྲུབ་ཚུལ་དང་ དཔེ་རྙིང་ཚུ་ག་བསྡུར་རྐྱབ་ཏེ་ ཞིབ་འཚོལ་འབད་ཡོདཔ་མ་ཚད་ འབྲུག་གཞུང་ཤེས་རིག་ལྷན་ཁག་གིས་ བཟོ་སྟེ་ཡོད་ མི་རྫོང་ཁའི་སློབ་དེབ་ཚུ་ལུ་ཡང་ དབྱེ་ཞིབ་མཐིིལ་ཕྱིན་འབད་དེ་ བྱ་བའི་མིང་ཚུ་ དུས་གསུམ་ག་ཅི་ལས་གྲུབ་ཨིན་ན་ གསལ་ཁ་བསྟན་ཏེ་བྲིས་ཡོདཔ་ཨིན། དེ་བཟུམ་སྦེ་ དངོས་པོ་བདག་དང་འབྲེལ་བ་གཙོ་བོར་བསྟན་པའི་མིང་གྲུབ་ ཚུལ་དང་། དངོས་པོ་གཞན་དང་འབྲེལ་བ་གཙོ་བོར་བསྟན་པའི་མིང་གྲུབ་ཚུལ། བྱ་བའི་ངོ་བོ་གཙོར་བསྟན་གྱིི་མིང་ གྲུབ་ཚུལ། ལས་ཀྱི་དངོས་པོ་གཙོ་བོར་བསྟན་པའི་མིང་གྲུབ་ཚུལ། བྱས་འབྲས་གཙོ་བོར་བསྟན་པའི་མིང་གྲུབ་ཚུལ། མིང་མཐའ་ཞུགས་མ་ཞུགས་ཀྱི་སྒོ་ལས་ བྱ་ཚིག་མིང་སྦེ་གྲུབ་ཚུལ་ཚུ་གི་སྐོར་ལས་ དབྱེ་དཔྱད་འབད་ཡི། དཔྱད་ རྩོམ་འདི་འབྲི་དགོ་མི་འདི་ཡང་གཙོ་བོ་ར་ དུས་ཀྱི་འཕོ་བསྒྱུར་དང་བསྟུན་ རྫོང་ཁའི་སྐད་ཡིག་ལྷབ་སྦྱང་འབད་མི་ཚུ་ གིས་ མིང་ཚིག་འདི་ལུ་དབྱེ་བ་མ་ཕྱེ་བར་ ཡི་གུའི་སྡེབ་སྦྱོར་ཚུ་ཡང་ཕྱི་འགྱུར་སྦེ་ལག་ལེན་འཐབ་དོ་ཡོདཔ་ལས་ དེ་གི་ དཀའ་ངལ་ཚུ་བསལ་ཚུགས་པའི་རེ་བ་བསྐྱེད་དེ་བྲིས་ཡོདཔ་ཨིན།","PeriodicalId":129662,"journal":{"name":"Rig-mdzod Dus-deb","volume":"69 1","pages":"0"},"PeriodicalIF":0.0,"publicationDate":"2023-06-18","publicationTypes":"Journal Article","fieldsOfStudy":null,"isOpenAccess":false,"openAccessPdf":"","citationCount":null,"resultStr":null,"platform":"Semanticscholar","paperid":"129323029","PeriodicalName":null,"FirstCategoryId":null,"ListUrlMain":null,"RegionNum":0,"RegionCategory":"","ArticlePicture":[],"TitleCN":null,"AbstractTextCN":null,"PMCID":"","EPubDate":null,"PubModel":null,"JCR":null,"JCRName":null,"Score":null,"Total":0}
引用次数: 0
བཀྲ་ཤིས་སྒང་རྫོང་ཁག་ཨུ་རྫོ་རོང་རྒེད་འོག་ནང་ལུ་ས་ཉེན་གྱིི་ཉིནམ་བརྩི་སྲུང་ཞུ་སྲོལ།
Rig-mdzod Dus-deb Pub Date : 2023-06-18 DOI: 10.17102/rigzoedjournal.clcs.rub.1.005
བསོད་ནམས་ བཟང་པོ།, ལས་སྐྱིད་ ཆོས་སྒྲོན།
{"title":"བཀྲ་ཤིས་སྒང་རྫོང་ཁག་ཨུ་རྫོ་རོང་རྒེད་འོག་ནང་ལུ་ས་ཉེན་གྱིི་ཉིནམ་བརྩི་སྲུང་ཞུ་སྲོལ།","authors":"བསོད་ནམས་ བཟང་པོ།, ལས་སྐྱིད་ ཆོས་སྒྲོན།","doi":"10.17102/rigzoedjournal.clcs.rub.1.005","DOIUrl":"https://doi.org/10.17102/rigzoedjournal.clcs.rub.1.005","url":null,"abstract":"ས་ཉེན་གྱི་ཉིནམ་འདི་ བཀྲིས་སྒང་རྫོང་ཁག་ཨུ་རྫོ་རོང་རྒེད་འོག་གི་གཡུས་ཚན་ཁག་ཚུ་ནང་ ལོ་བསྟར་རང་ཟླ་ ༦ པའི་ཚེས་ ༡༨ ལུ་བརྩི་སྲུང་ཞུ་སྲོལ་འདུག། དེ་ཡང་ གནམ་བྱཱར་གྱི་སྐབས་ འབུཔ་སྲིན་འཐོན་པའི་དུས་ཚོད་འབདཝ་ ལས་ ཞིང་ནང་ལཱ་མ་འབད་བར་ བརྩི་སྲུང་འབད་བའི་ཉིནམ་ཅིག་ཨིན་པས། ཨིན་རུང་ འདིའི་སྐོར་ལས་ ད་ཚུན་གྱི་ བར་ན་ ཞིབ་འཚོལ་འབད་དེ་ ཡིག་ཐོག་ལུ་ཆེནམོ་ཅིག་བཀོད་དེ་མིན་འདུག། ཞིབ་འཚོལ་ཐབས་ལམ་ཡང་ ཁུངས་ བཙན་ཐབས་ལམ་ལས་ རིམ་སྒྲིག་ཆ་ཙམ་གྱི་དྲི་བ་དྲིས་ལན་ལག་ལེན་འཐབ་སྟེ་ ཞིབ་འཚོལ་འབད་ཡི། ཞིབ་ འཚོལ་གྱི་གྲུབ་འབྲས་དང་བསྟུནམ་ད་ ཉིནམ་འདི་གནམ་བྱཱར་ལོ་ཐོག་སྐྱེ་བའི་དུས་ཚོད་ལུ་ སྡིག་པ་ལུ་འཛེམས་ཏེ་ ཉིནམ་གཅིག་གི་རིང་ལུ་ སོ་ནམ་གྱི་ལཱ་ ས་བརྐོ་རྡོ་སློག་ཚུ་མ་འབད་བར་ འཛེམས་སྡོད་པའི་ཚུལ་ཨིན་པས། དེ་སྦེ་ སྡོད་དགོ་མི་དེ་ཡང་ ལོ་ཐོག་ལེགས་ནིའི་དོན་ལུ་ བརྩི་སྲུང་ཞུཝ་ཨིན་པའི་མངོན་གསལ་བྱུང་ཡོད། ཞིབ་འཚོལ་འདི་ གཡུས་སྒོའི་ལམ་སྲོལ་ཉམས་སྲུང་གི་དོན་ལུ་དམིགས་ཏེ་ ཞིབ་འཚོལ་འབད་དེ་ཡོད། ཤུལ་ལས་ ཞིབ་འཚོལ་གྱི་དོན་ ཚན་འདིའི་ཐོག་ལུ་ གཡུས་ཚན་གཞན་ཁར་བརྩི་སྲུང་ཞུ་སྲོལ་ཡོད་མི་དང་ ག་བསྡུར་འབད་དེ་ ཞིབ་འཚོལ་འབད་ ནིའི་གོ་སྐབས་ཡོདཔ་ཨིན།","PeriodicalId":129662,"journal":{"name":"Rig-mdzod Dus-deb","volume":"30 1","pages":"0"},"PeriodicalIF":0.0,"publicationDate":"2023-06-18","publicationTypes":"Journal Article","fieldsOfStudy":null,"isOpenAccess":false,"openAccessPdf":"","citationCount":null,"resultStr":null,"platform":"Semanticscholar","paperid":"125624542","PeriodicalName":null,"FirstCategoryId":null,"ListUrlMain":null,"RegionNum":0,"RegionCategory":"","ArticlePicture":[],"TitleCN":null,"AbstractTextCN":null,"PMCID":"","EPubDate":null,"PubModel":null,"JCR":null,"JCRName":null,"Score":null,"Total":0}
引用次数: 0
དབུ་མ་ཐལ་རང་གི་ཐ་སྙད་ལ་དཔྱད་པ།
Rig-mdzod Dus-deb Pub Date : 2023-06-18 DOI: 10.17102/rigzoedjournal.clcs.rub.1.001
བཀྲ་ཤིས་ ཕུན་ཚོགས།
{"title":"དབུ་མ་ཐལ་རང་གི་ཐ་སྙད་ལ་དཔྱད་པ།","authors":"བཀྲ་ཤིས་ ཕུན་ཚོགས།","doi":"10.17102/rigzoedjournal.clcs.rub.1.001","DOIUrl":"https://doi.org/10.17102/rigzoedjournal.clcs.rub.1.001","url":null,"abstract":"འདི་ནི་དབུ་མ་པ་ལ་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་པ་ཞེས་པའི་ཐ་སྙད་དེ་ཇི་ལྟར་བྱུང་ཡོད་མེད་དཔྱད་པའི་རྩོམ་ཡིག་ཞིག་ཡིན། ཐ་སྙད་དེ་གཉིས་ཐོག་མར་གསུང་པ་པོ་སུ་ཡིན་ཁ་གསལ་ཞིག་མེད་པ་ལ་བརྟེན་ནས། ཁོ་བོས་འདི་གཉིས་ཀྱི་ཐ་སྙད་དུས་ཇི་ཙམ་ནས་དར་ཡོད་མེད་གཙོ་བོ་དཔེ་བསྡུར་ཞིབ་འཚོལ་གྱིི་ཐོག་ཁུངས་བཙུན་ཐབས་ལམ་ཐོག་འགྲེལ་བཤད་ཞིབ་འཚོལ་བྱེད་ཡོད་པའི་ཞིབ་འཚོལ་གྲུབ་འབྲས་སྙན་ཞུ་ཡིན། དེ་ལ་གཙོ་བོ་རྒྱ་གར་གྱི་མཁས་པ་དང་། བཀའ་གདམས་པའི་དགེ་བཤེས་རྣམས་ཀྱིས་མཛད་པའི་དབུ་མའི་གཞུང་ལུགས་རྣམས་སུ་དབུ་མ་པའི་ཐ་སྙད་ཇི་ལྟར་གསལ་ཡོད་མེད་དཔེ་བསྡུར་ཐོག་གནས་སྡུད་རྣམས་བསྡུ་བསྒྲིགས་བྱས་པ་དང་། དེ་དག་གི་ཚིག་དོན་ལ་དོགས་པ་ཡོད་པ་དང་གསལ་ཁ་མེད་པ་རྣམས་ཟིིན་བྲིས་བཀོད་དེ་མཁས་དབང་དང་ མཁན་པོ་རྣམས་ལ་རིམ་སྒྲིག་མེད་པའི་དྲི་བ་དྲིས་ལན་བགྱིས་ཏེ་ གནས་སྡུད་བསྐྱར་ཞིབ་བྱས་ཡོད་ཅིང་། གནས་སྡུད་དེ་རྣམས་དཔྱད་ཞིབ་བྱས་ཡོད་པའི་གྲུབ་འབྲས་ལྟར་ན། དེ་ལ་རང་རྒྱུད་པ་ཞེས་པའི་ཐ་སྙད་ནི་ ཁ་ཆེའི་པན་ཌི་ཏ་ཆེན་པོ་ ཛ་ཡ་ཨཱ་ནན་ཏས་དབུ་མ་ལ་འཇུག་པའི་འགྲེལ་བཤད་ནང་ཟུར་ཙམ་བཀོད་འདུག་ལ། ཐལ་འགྱུར་པ་ཞེས་པའི་ཐ་སྙད་ནི་པ་ཚབ་སྔོན་གྱིི་མཁས་པ་ཚོས་གསུངས་པའི་དཔེ་དེབ་གཅིག་ཀྱང་རྙེད་མ་ཐུབ། དེས་ན་པ་ཚབ་ལོ་ཙཱ་བའི་དུས་ཙམ་ལ་ཐ་སྙད་དེ་གཉིས་དར་ཡོད་པར་གསལ་ཐུབ། འོན་ཀྱང་ཐ་སྙད་དེ་གཉིས་འདོགས་པའི་བརྡ་མཁན་པོ་ནི་སུ་ཡིན་ད་དུང་རྙེད་མེད། ཐ་སྙད་འདི་གཉིས་མ་གྲགས་པའི་སྔོན་དུ་དབུ་མ་པ་ལ། མདོ་སྡེ་སྤྱོད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་པ་ལ་སོགས་པའི་ཐ་སྙད་རྣམས་དར་འདུག་ཅིང་། ཕྱིས་སུ་ས་དགེ་བཀའ་རྙིང་ལ་སོགས་པའི་མཁས་པ་སོ་སོས་དབུ་མའི་གཞུང་རྣམས་སུ་ཐལ་རང་ཞེས་ཐ་སྙད་དེ་གཉིས་ཡོངས་སུ་གྲགས་པ་བྱུང་འདུག་ལ། མཁས་པ་རང་རང་སོ་སོས་ ཐལ་འགྱུར་པ་དང་རང་རྒྱུད་པའི་ཐ་སྙད་འདི་འདོགས་པའི་གཞི་ལའང་རྣམ་གཞག་མི་འདྲ་སྣ་ཚོགས་པ་ཅིག་བྱས་པ་ནས་ཐ་སྙད་དེའི་དར་ཆེ་རུ་གྱུར་པ་ཡོད་ཞིག་རེ་འདུག། ","PeriodicalId":129662,"journal":{"name":"Rig-mdzod Dus-deb","volume":"28 11 1","pages":"0"},"PeriodicalIF":0.0,"publicationDate":"2023-06-18","publicationTypes":"Journal Article","fieldsOfStudy":null,"isOpenAccess":false,"openAccessPdf":"","citationCount":null,"resultStr":null,"platform":"Semanticscholar","paperid":"125687793","PeriodicalName":null,"FirstCategoryId":null,"ListUrlMain":null,"RegionNum":0,"RegionCategory":"","ArticlePicture":[],"TitleCN":null,"AbstractTextCN":null,"PMCID":"","EPubDate":null,"PubModel":null,"JCR":null,"JCRName":null,"Score":null,"Total":0}
引用次数: 0
རིག་མཛོད་དུས་དེབ་འཐོན་རིམ་དང་པ།
Rig-mdzod Dus-deb Pub Date : 2013-06-18 DOI: 10.17102/rigzoedjournal.clcs.rub.1.001.2023
རིག་མཛོད་དུས་དེབ།
{"title":"རིག་མཛོད་དུས་དེབ་འཐོན་རིམ་དང་པ།","authors":"རིག་མཛོད་དུས་དེབ།","doi":"10.17102/rigzoedjournal.clcs.rub.1.001.2023","DOIUrl":"https://doi.org/10.17102/rigzoedjournal.clcs.rub.1.001.2023","url":null,"abstract":"<jats:p>N/A</jats:p>","PeriodicalId":129662,"journal":{"name":"Rig-mdzod Dus-deb","volume":"24 1","pages":"0"},"PeriodicalIF":0.0,"publicationDate":"2013-06-18","publicationTypes":"Journal Article","fieldsOfStudy":null,"isOpenAccess":false,"openAccessPdf":"","citationCount":null,"resultStr":null,"platform":"Semanticscholar","paperid":"124848218","PeriodicalName":null,"FirstCategoryId":null,"ListUrlMain":null,"RegionNum":0,"RegionCategory":"","ArticlePicture":[],"TitleCN":null,"AbstractTextCN":null,"PMCID":"","EPubDate":null,"PubModel":null,"JCR":null,"JCRName":null,"Score":null,"Total":0}
引用次数: 0
0
×
引用
GB/T 7714-2015
复制
MLA
复制
APA
复制
导出至
BibTeX EndNote RefMan NoteFirst NoteExpress
×
提示
您的信息不完整,为了账户安全,请先补充。
现在去补充
×
提示
您因"违规操作"
具体请查看互助需知
我知道了
×
提示
确定
请完成安全验证×
相关产品
×
本文献相关产品
联系我们:info@booksci.cn Book学术提供免费学术资源搜索服务,方便国内外学者检索中英文文献。致力于提供最便捷和优质的服务体验。 Copyright © 2023 布克学术 All rights reserved.
京ICP备2023020795号-1
ghs 京公网安备 11010802042870号
Book学术文献互助
Book学术文献互助群
群 号:481959085
Book学术官方微信